240 likes | 386 Views
ཉམས་ལེན་གྱི་ནུས་སྟོབས། ཀླད་པ་ལ་བྱུང་བའི་སྒེར་གྱི་ཉམས་ལེན་གྱི་ཕན་ནུས།. ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ། ལོ་རིམ་ ༤ སློབ་ཁྲིད་ ༧ཀ. སྦྱོང་ཚན་འདིའི་དམིགས་ཡུལ།. “ ཉམས་ལེན་ ” དང་། མཁས་རྩལ། མཁས་དབང་གི་ལས་ཆོད་བཅས་ཀྱི་གོ་དོན་འཇོག་རྒྱུ། དེ་དང་འབྲེལ་ཡོད་ཀྱི་ཚོད་གཞག་དང་ལས་ཚུལ་རྣམས་འགྲེལ་བརྗོད་བྱེད་རྒྱུ།
E N D
ཉམས་ལེན་གྱི་ནུས་སྟོབས།ཀླད་པ་ལ་བྱུང་བའི་སྒེར་གྱི་ཉམས་ལེན་གྱི་ཕན་ནུས།ཉམས་ལེན་གྱི་ནུས་སྟོབས།ཀླད་པ་ལ་བྱུང་བའི་སྒེར་གྱི་ཉམས་ལེན་གྱི་ཕན་ནུས། ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ། ལོ་རིམ་ ༤ སློབ་ཁྲིད་ ༧ཀ
སྦྱོང་ཚན་འདིའི་དམིགས་ཡུལ།སྦྱོང་ཚན་འདིའི་དམིགས་ཡུལ། • “ཉམས་ལེན་”དང་། མཁས་རྩལ། མཁས་དབང་གི་ལས་ཆོད་བཅས་ཀྱི་གོ་དོན་འཇོག་རྒྱུ། • དེ་དང་འབྲེལ་ཡོད་ཀྱི་ཚོད་གཞག་དང་ལས་ཚུལ་རྣམས་འགྲེལ་བརྗོད་བྱེད་རྒྱུ། • སྒེར་གྱི་ཉམས་ལེན་སོ་སོ་དང་དེ་དག་ལས་ཀླད་པར་བྱུང་བའི་ཕན་ནུས་གླེང་བ། • ཀླད་རྩ་འགགས་ནད་བྱུང་བའི་རྗེས་སུ་བསྟེན་པའི་ལུས་རྩལ་གསོ་དཔྱད། • འགྲུལ་སྐྱེལ་ཁ་ལོ་པ། • ལུས་རྩལ་སྦྱོང་བརྡར།
ཉམས་ལེན་ཟེར་ན་གང་རེད།མཁས་རྩལ་ཟེར་ན་གང་རེད་དམ།ཉམས་ལེན་ཟེར་ན་གང་རེད།མཁས་རྩལ་ཟེར་ན་གང་རེད་དམ། • ཉམས་ལེན་ནི་བསྐྱར་སྦྱོང་གི་སྒོ་ནས་ཤེས་སྦྱོང་བྱེད་པའི་བྱ་བ་དེ་ཡིན། བྱང་པ་ཐོབ་པའམ་ཡར་རྒྱས་གཏོང་བའི་དོན་དུ་ཀུན་སྤྱོད་ཅིག་ཡང་ནས་ཡང་དུ་བསྐྱར་ཟློས་བྱེད་པའམ། ཡང་ན་བྱེད་ལས་ཤིག་ལ་ཡང་ཡང་འཇུག་པ་ཞིག་ཡིན། (ཁ་དཔེ་ལ་ “སྦྱོང་བརྡར་ལས་མཐར་ཕྱིན་”ཞེས་པ་ལྟ་བུ་ཡིན།) • མཁས་རྩལ་ཞེས་པ་གསར་པ་དང་ཉམས་མྱོང་མེད་པའི་མི་རྣམས་ལས་མཁས་པ་རྣམས་ལོགས་སུ་འབྱེད་པའི་མཚན་ཉིད་དང་། རྩལ། ཤེས་ཡོན་ལ་གོ་དགོས། ཁྱད་ཆོས་དང་འཇོན་ཐང་གང་ཅིའི་ཐད་མཁས་དབང་རྣམས་ལ་རྒྱུན་ལྡན་གྱི་མི་ལས་སྤུས་ཀ་ལེགས་པ་ཡོད་ཅིང་། མ་མཐར་ཡང་རྒྱུན་ལྡན་མིའི་ཚད་གཞིའི་ཕྱི་རོལ་ཏུ་ཡོད།
གང་གིས་མཁས་དབང་འགྲུབ་པར་བྱེད། རང་བྱུང་དང་གསོ་སྐྱོང་གི་རྩོད་གླེང་། • རང་བྱུང་རྩོད་གླེང་། ཁྱད་དུ་འཕགས་པའི་མི་འདི་རྣམས་ནི་“དེ་ལྟར་དུ་སྐྱེས་”པ་ཡིན་ཞིང་། ལྷན་སྐྱེས་ཀྱིས་རིག་སྟོབས་ལྷག་པའམ། དམིགས་བསལ་གྱི་རྣམ་དཔྱོད་དང་ལྡན་པ་ཡིན། • གསོ་སྐྱོང་རྩོད་གླེང་། མི་འདི་རྣམས་ལ་རང་རང་སོ་སོའི་ཁོར་ཡུག་གི་ཁྲོད་དུ་ཁྱད་དུ་འཕགས་པའི་གོ་སྐབས་ཐོབ་ཡོད་ཅིང་། དེའི་ཐོག་གཞན་དང་མི་འདྲ་བའི་འདུན་པ་དང་། ཆེད་དུ་གཉེར་ནས་ལག་ལེན་ནམ་སྦྱོང་བརྡར་དྲག་པོ་བསྟེན་པའི་ནུས་པ་བཅས་ཚོགས་ཡོད། ད་ལྟའི་འདོད་ཚུལ་ནི་རྩོད་གླེང་གི་ལྟ་ཚུལ་གཉིས་པོ་ཡོངས་སུ་འགལ་བ་མིན་ཏེ། ཁྱད་དུ་འཕགས་པའི་འཇོན་ཐང་རྣམས་སྐྱེ་སྐབས་(རང་བྱུང་)ནས་ཡོད་པའི་ཁྱད་ཆོས་དང་། ཁོར་ཡུག་དང་སྦྱོང་བརྡར་(གསོ་སྐྱོང་)གྱི་ནུས་པ་གཉིས་མཉམ་སྡེབ་བྱེད་པ་ལས་བྱུང་བར་འདོད།
“གསོ་སྐྱོང་”གི་རྩོད་གླེང་།མཁས་རྩལ་ནི་སྦྱོང་བརྡར་གྱི་གྲུབ་འབྲས་ཡིན།“གསོ་སྐྱོང་”གི་རྩོད་གླེང་།མཁས་རྩལ་ནི་སྦྱོང་བརྡར་གྱི་གྲུབ་འབྲས་ཡིན། ད་ལྟའི་ཆར་ཤུགས་ཆེ་བའི་ལྟ་ཚུལ་ནི་མཁས་རྩལ་ནི་ཁྱབ་ཁོངས་བྱེ་བྲག་ཅིག་གི་ནང་སྒྲུབ་པ་བཟང་དུ་གཏོང་བའི་ཆེད་མི་ཚེ་གང་གི་དུས་ཡུན་རིང་ཆེད་མངགས་འབད་པ་བསྟེན་པ་ལས་བྱུང་བ་དེ་ཡིན། “སྦྱོང་བརྡར་ལས་མཐར་ཕྱིན་ཐོབ།” དཔེར་ན་ཨོག་གླན་གཏོང་མཁན་ཡང་རྩེར་སོན་པ་རྣམས་ཀྱིས་ཐོག་མར་སྦྱོང་བརྡར་འགོ་ཚུགས་སྐབས་ཁྱད་དུ་འཕགས་པའི་ལས་ཆོད་སོན་མེད་ལ། འཕེལ་རྒྱས་ཀྱི་མཚམས་ཤིག་ནས་གློ་བུར་དུ་ཁྱད་འཕགས་ཀྱི་ཚད་དུ་སླེབས་པའང་མིན། ཨོག་གླན་གཏོང་མཁན་ཐམས་ཅད་ཀྱི་ཁྲོད་ནས་ཡང་རྩེར་སོན་པ་རྣམས་ནི་སྦྱོང་བརྡར་མང་ཤོས་(ཏེ་རང་ལོ་ ༢༠ མཚམས་ནས་སྦྱོང་བརྡར་ཆུ་ཚོད་ ༡༠༠༠༠ ལྷག་བྱས་མྱོང་བ་)ཡོད་མཁན་རྣམས་ཡིན།
“ཀླད་པ་ཡག་ག་ཞིག་ཁྱོད་ཀྱིས་བཟོ་ཐུབ་བམ།”“ཀླད་པ་ཡག་ག་ཞིག་ཁྱོད་ཀྱིས་བཟོ་ཐུབ་བམ།” Newsweek Magazine, 03 January 2011 ནུབ་ཕྱོགས་སུ་དྲི་བ་འདི་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། “རང་བྱུང་གི་རྣམ་དཔྱོད་”དང་“སྦྱོང་བརྡར་གྱི་ནུས་སྟོབས་”ཀྱི་ཁྱད་པར་ཐད་ལྟ་ཚུལ་སྣ་ཚོགས་པ་ཞིག་ཡོད་པ་རེད། རྩོམ་པ་པོ་ཁག་ཅིག་གིས་ཁོ་རང་ཚོའི་ལྟ་ཚུལ་ལ་ཚན་རིག་གི་རྙེད་དོན་གྱིས་རྒྱབ་སྐྱོར་བྱེད་པ་ཁས་བྱས་ཀྱང་། གནས་སྟངས་མང་པོའི་ནང་དེ་ལྟར་མིན། དུས་ཀྱི་མཚམས་འདིར་ཚན་རིག་གིས་དོན་དངོས་ཐོག་ང་ཚོར་གང་བསྟན་ཐུབ་བམ།
དབང་རྩའི་སོར་ཆུད་རང་གཤིས།དབང་རྩའི་སོར་ཆུད་རང་གཤིས། དབང་རྩའི་སོར་ཆུད་རང་གཤིས་ནི་གཤམ་འཁོད་ཚུལ་རྣམས་ལས་ཀླད་པའི་བཀོད་དབྱིབས་དང་བྱེད་ལས་ཁ་སྒྱུར་གཏོང་བའི་ཀླད་པའི་ནུས་པ་ལ་ཟེར། • ཡང་ཡང་སྤྱོད་པའི་བརྡ་ལམ་རྣམས་རྒྱ་སྐྱེད་པའམ་སྲ་བརྟན་བྱེད་པའི་སྒོ་ནས། • སྤྱོད་ཉུང་བའི་བརྡ་ལམ་རྣམས་ཞན་དུ་གཏོང་བའི་སྒོ་ནས།
རྨས་སྐྱོན་གྱི་རྗེས་སུ་ཀླད་ཤུན་ལ་བསྐྱར་སྒྲིག་བྱུང་བའི་ཚུལ་ལ་བྱས་པའི་བརྟག་དཔྱད་ཐོག་མ་རྣམས།རྨས་སྐྱོན་གྱི་རྗེས་སུ་ཀླད་ཤུན་ལ་བསྐྱར་སྒྲིག་བྱུང་བའི་ཚུལ་ལ་བྱས་པའི་བརྟག་དཔྱད་ཐོག་མ་རྣམས། • ལུས་ཚོར་ཀླད་ཤུན་གྱི་ཆ་ཤས་ཤིག་ལ་རྒྱུན་ལྡན་གྱི་ནང་འདྲེན་གནས་ཚུལ་མ་ཐོབ་པའི་ཚེ་དུས་ཡུན་གང་འཚམས་རྗེས་ཀླད་ཤུན་དེ་ཉིད་འདབས་ཀྱི་ནང་འདྲེན་གནས་ཚུལ་ལ་ཡ་ལན་སྤྲོད་འགོ་ཚུགས་ཀྱི་ཡོད། • དཔེར་ན། སྤྲེའུ་ཞིག་གི་མཛུབ་མོ་གསུམ་པ་དེ་གཤག་གཏུབས་བྱས་པ་ན། མཛུབ་མོ་དེ་ལ་འཆར་ཅན་ནས་ཡ་ལན་སྤྲོད་པའི་ལུས་ཚོར་ཀླད་ཤུན་གྱི་རྒྱ་ཁྱོན་ཆུང་ཆུང་དེ་ཉིད་ཀྱིས་རིམ་གྱིས་མཛུབ་མོ་གཉིས་པ་དང་བཞི་པར་ཡ་ལན་སྤྲོད་འགོ་ཚུགས་ཀྱི་ཡོད། (ལྡེབ་མ་རྗེས་མར་གཟིགས།) • ཀླད་ཤུན་བསྐྱར་སྒྲིག་གི་རིགས་འདི་ལྟ་བུ་ཀླད་ཤུན་གྱི་རྒྱང་ཐག་ཐུང་ཐུང་ཙམ་ལ་ངེས་པ་མིན། ཚུལ་འདི་ནི་ཀླད་ཤུན་གྱི་རྒྱང་ཐག་རིང་པོའི་ཁྱོན་དུའང་འབྱུང་ཐུབ་པ་གཤམ་གྱི་ལྡེབ་མ་གཉིས་པོས་སྟོན་པ་ལྟར་ཡིན།
སྤྲེའུ་ཐང་པོ་ཞིག་གི་དབང་ཚོར་ཀླད་ཤུན།སྤྲེའུ་ཐང་པོ་ཞིག་གི་དབང་ཚོར་ཀླད་ཤུན། བྱང་ཁོག་ཏུ་ཡོད་པའི་ S1 དབང་རྩ་ཕྲ་ཕུང་གི་འདུ་ལེན་ཞིང་ས། དབང་ཚོར་ཀླད་ཤུན་གཙོ་བོ། (S1) དཀྱིལ་ཕྱོགས། མཛུབ་མོར་ཡོད་པའི་ S1དབང་རྩ་ཕྲ་ཕུང་གི་འདུ་ལེན་ཞིང་ས། གདོང་ཕྱོགས། བྱང་ཁོག གདོང་ན་ཡོད་པའི་འདུ་ལེན་ཞིང་ས། ལག གདོང་། གདོང་།
ནང་འདྲེན་དབང་རྩ་ཆད་པའི་སྤྲེའུ་ཡི་དབང་ཚོར་ཀླད་ཤུན།ནང་འདྲེན་དབང་རྩ་ཆད་པའི་སྤྲེའུ་ཡི་དབང་ཚོར་ཀླད་ཤུན། ནང་འདྲེན་དབང་རྩ་ཆད་པའི་ས་ཁུལ་ལ་དབང་ཚོར་གྱི་ནང་འདྲེན་གནས་ཚུལ་འབྱོར་གྱི་མེད་པ། རྒྱུན་ལྡན་གྱི་བྱང་ཁོག་གི་འདུ་ལེན་ཞིང་ས་། གདོང་གི་འདུ་ལེན་ཞིང་ས་གསར་པ། དཀྱིལ་ཕྱོགས། གདོང་ཕྱོགས། བྱང་ཁོག ཀླད་ཤུན་སོར་ཆུད་ རང་གཤིས་ཀྱི་དཔེ་མཚོན། རྒྱུན་ལྡན་གྱི་གདོང་གི་འདུ་ལེན་ཞིང་ས། རྒྱ་སྐྱེད་ཐེབས་པའི་ གདོང་གི་རིས་བཀྲ རྒྱུན་ལྡན་གྱི་ གདོང་གི་རིས་བཀྲ
ཀླད་རྩ་འགགས་ནད་སོར་ཆུད་ཀྱི་ཆེད་དུ་བཀོལ་བའི་བཙན་སྐུལ་འགུལ་སྐྱོད་གསོ་དཔྱད།ཀླད་རྩ་འགགས་ནད་སོར་ཆུད་ཀྱི་ཆེད་དུ་བཀོལ་བའི་བཙན་སྐུལ་འགུལ་སྐྱོད་གསོ་དཔྱད། སྤྲེའུ་སྟེང་བསྒྲུབས་པའི་བརྟག་དཔྱད་ཁག་ལ་གཞི་བཅོལ་ཏེ། ཨེ་ཌི་ཝཌ་ཊོབ་ཀྱིས་ཀླད་རྩ་འགགས་ནད་བྱུང་བའི་རྗེས་སུ་ནད་པ་རྣམས་ཀྱིས་སོ་སོའི་ཡན་ལག་གི་བེད་སྤྱོད་སོར་ཆུད་པའི་ཐབས་ཚུལ་གསར་པ་ཞིག་གསར་གཏོད་བྱས་པ་རེད། ཐབས་ཚུལ་འདི་ལ་བཙན་སྐུལ་(CI)འགུལ་སྐྱོད་གསོ་དཔྱད་ཅེས་སུ་འབོད་ཀྱི་ཡོད། • བྱེད་ལས་ཞན་པའི་ཡན་ལག་དེ་ཉིད་བེད་སྤྱོད་བྱེད་པར་སྐུལ་མ་གཏོང་བའི་ཆེད་དུ་ཡན་ལག་“ཐང་བ་”དེ་བཙན་སྡོམ་བྱས་པ་རེད། • བྱེད་ལས་ཞན་པའི་ཡན་ལག་དེ་ནི་ཁ་པར་འདེགས་པ་ལྟ་བུའི་ཉིན་རེའི་ལས་དོན་སྒྲུབ་པར་དམིགས་པའི་ཧ་ཅང་དྲག་ལ་འཕར་ཆ་ཆུང་བའི་སྦྱོང་བརྡར་གཏོང་ས་དེ་ཆགས་ཡོད།
མཁས་དབང་དང་མཁས་དབང་མིན་པའི་ཀླད་པའི་འཕྲེད་དུམ་ལ་བྱས་པའི་དབྱེ་ཞིབ། ༡ འགྲུལ་སྐྱེལ་ཁ་ལོ་པ། མ་སྒུ་ཡར་དང་ལས་རོགས་ཚོས་(༢༠༠༠)ལོན་ཌོན་འགྲུལ་སྐྱེལ་ཁ་ལོ་པ་རྣམས་ལ་མི་གཞན་ལས་མཚོ་རྟ་མ་ཆེ་བ་ཡོད་པ་གསར་རྙེད་བྱུང་། (ལྡེབ་མ་རྗེས་མར་གཟིགས།) མཚོ་རྟ་མ་ནི་འགྲོ་ལམ་དང་མཁའ་དབྱིངས་ངོས་ཀྱི་མཚོན་དོན་ཤེས་སྦྱོང་བྱེད་པར་ཐེ་གཏོགས་ཧ་ཅང་ཆེ་བའི་ཀླད་པའི་བཀོད་དབྱིབས་ཤིག་ཡིན།
1. འགྲུལ་སྐྱེལ་ཁ་ལོ་པ། “སྟངས་འཛིན་”འོག་གི་མི་(དཀྱུས་མ་)རྣམས་ལས་འགྲུལ་སྐྱེལ་ཁ་ལོ་པའི་མཚོ་རྟ་མ་གཡོན་དང་གཡས་གཉིས་ཀའི་རྒྱབ་ཀྱི་ཆ་ཁུལ་དེ་ཆེ་བ་དང་། མདུན་གྱི་ཆ་ཁུལ་དེ་ཆུང་བ་ཡོད། མཚོ་རྟ་མ་གཡོན། འགྲུལ་སྐྱེལ་ཁ་ལོ་པ། མཚོ་རྟ་མའི་འཕྲེད་དུམ་རྒྱ་ཁྱོན། (mm2) སྟངས་འཛིན། མཚོ་རྟ་མ་གཡས། མདུན་མ། གཟུགས། རྒྱབ་མ།
འགྲུལ་སྐྱེལ་ཁ་ལོ་པ་བྱས་པའི་དུས་ཡུན། (ཟླ་བའི་ནང་བརྩིས་པ།) ཉམས་མྱོང་གིས་འགྲུལ་སྐྱེལ་ཁ་ལོ་པར་ཤུགས་རྐྱེན་སྤྲོད་ཀྱི་ཡོད། སྙོམ་སྒྲིག་བྱས་པའི་VMB ཡ་ལན། མཚོ་རྟ་མའི་རྒྱབ་མ། (ལོ་མང་འགྲུལ་སྐྱེལ་ཁ་ལོ་པ་བྱས་པའི་)ཉམས་མྱོང་མང་ཤོས་ཡོད་མཁན་གྱི་འགྲུལ་སྐྱེལ་ཁ་ལོ་པ་རྣམས་ལ་མཚོ་རྟ་མ་གཡས་པའི་རྒྱབ་ཆའི་བོངས་ཚད་ཆེ་བ་ཡོད། དེ་ལས་ལྡོག་སྟེ་མཚོ་རྟ་མའི་མདུན་ཆའི་བོངས་ཚད་ཆག་ཡོད། འགྲུལ་སྐྱེལ་ཁ་ལོ་པ་བྱས་པའི་དུས་ཡུན། (ཟླ་བའི་ནང་བརྩིས་པ།) མཚོ་རྟ་མའི་མདུན་ཆའི་འཕྲེད་དུམ་གྱི་རྒྱ་ཁྱོན། (mm2)
འབྱུང་སྲིད་པའི་ནོར་འཛོལ་དང་མཇུག་སྐྱོང་གི་དབྱེ་ཞིབ། (༢༠༠༦) རྩོམ་པ་པོ་རང་ཉིད་ཀྱིས་འདི་ལྟར་སྨྲས་ཏེ། “སྐྱ་རྫས་ལ་མངོན་པའི་ཁྱད་པར་འདི་རྣམས་བར་སྣང་གི་མཚོན་བྱེད་བཀོལ་བ་དང་། དུས་བསྟུན་ཁ་གསབ་བྱས་པའི་གྲུབ་འབྲས་སུ་བྱུང་བ་ཡིན་རུང་ཡང་། འདི་རྣམས་རང་འགུལ་དང་། སྣུམ་འཁོར་གཏོང་བའི་ཉམས་མྱོང་། སེམས་ངལ་ལྟ་བུའི་རྐྱེན་གཞན་གྱིས་ཤུགས་རྐྱེན་ལ་བརྟེན་ནས་བྱུང་བའང་ཡིན་ཆོག” དེར་བརྟེན་ཁོང་ཚོས་དབྱེ་ཞིབ་གསར་པ་ཞིག་འཆར་སྒྲིག་བྱས་ཏེ་རྐྱེན་འདི་རྣམས་ཀྱི་མཐུན་འགྱུར་གང་ཡོད་ལ་ཞིབ་དཔྱོད་བྱས། ཁོང་ཚོས་ལོན་ཌོན་གྱི་འགྲུལ་སྐྱེལ་ཁ་ལོ་པ་རྣམས་ཁོ་རང་ཚོ་དང་སྣུམ་འཁོར་གཏོང་བའི་ཉམས་མྱོང་དང་སེམས་ངལ་གྱི་ཚད་གཞི་མཉམ་ཡང་འགྲུལ་ལམ་ངེས་པའི་སྟེང་རྒྱུགས་པའི་ལོན་ཌོན་གྱི་སྤྱི་སྤྱོད་ཁ་ལོ་པ་རྣམས་མཚུངས་བསྡུར་བྱས་པ་རེད།
མཚོ་རྟ་མ་གཡས་པའི་རྒྱབ་ཆའི་མཚོ་རྟ་མ་གཡས་པའི་རྒྱབ་ཆའི་ Right posterior hippocampus • འགྲུལ་སྐྱེལ་ཁ་ལོ་པ་བྱས་པའི་ཉམས་མྱོང་གི་ལོ་ཡུན། • བོངས་ཚད་འཕེལ་བ། • མཚོ་རྟ་མའི་རྒྱབ་ཆའི་སྐྱ་རྫས་ཀྱི་བོངས་ཚད། Left and right anterior hippocampi • མཚོ་རྟ་མ་གཡས་གཡོན་གྱི་མདུན་ཆའི་ • འགྲུལ་སྐྱེལ་ཁ་ལོ་པ་བྱས་པའི་ཉམས་མྱོང་གི་ལོ་ཡུན། • བོངས་ཚད་ཆག་པ། ལོན་ཌོན་འགྲུལ་སྐྱེལ་ཁ་ལོ་པའི་སྟེང་བསྒྲུབས་པའི་མཇུག་སྐྱོང་དབྱེ་ཞིབ། • མཚོ་རྟ་མའི་མདུན་ཆའི་སྐྱ་རྫས་ཀྱི་བོངས་ཚད།
ལོན་ཌོན་འགྲུལ་སྐྱེལ་ཁ་ལོ་པ་རྣམས་དང་ལོན་ཌོན་སྤྱི་སྤྱོད་སྣུམ་འཁོར་ཁ་ལོ་པ་རྣམས་མཚུངས་བསྡུར་བྱས་པ། མཐའ་སྡོམ། • སྤྱི་སྤྱོད་སྣུམ་འཁོར་ཁ་ལོ་པ་ལ་ལྟོས་ཏེ་འགྲུལ་སྐྱེལ་ཁ་ལོ་པ་རྣམས་ལ་མཚོ་རྟ་མའི་རྒྱབ་དཀྱིལ་གྱི་ཆ་རུ་སྐྱ་རྫས་ཀྱི་བོངས་ཚད་ཆེ་བ་ཡོད་པ་དང་། མཚོ་རྟ་མའི་མདུན་ཆར་བོངས་ཚད་ཆུང་བ་ཡོད། • ལོ་མང་གི་འཚོལ་འགྲུལ་ཉམས་མྱོང་དང་མཚོ་རྟ་མའི་སྐྱ་རྫས་ཀྱི་བོངས་ཚད་གཉིས་དབར་ལྟོས་བཅས་ཀྱི་འབྲེལ་བ་ཡོད་ས་ནི་འགྲུལ་སྐྱེལ་ཁ་ལོ་པ་ཁོ་ནའི་ནང་ཡིན་ལ། དེ་ཡང་འཚོལ་འགྲུལ་གྱི་ཉམས་མྱོང་མང་བ་ལ་གཞིགས་ཏེ་མཚོ་རྟ་མ་གཡས་པའི་རྒྱབ་ཆ་ལ་སྐྱ་རྫས་ཀྱི་བོངས་ཚད་འཕེལ་བ་དང་། མདུན་ཆའི་བོངས་ཚད་ཆག་གི་ཡོད། • འདིས་འགྲུལ་སྐྱེལ་ཁ་ལོ་པའི་ནང་བར་སྣང་གི་ཤེས་རྒྱ་དེ་ཉིད་མཚོ་རྟ་མའི་སྐྱ་རྫས་ཀྱི་བོངས་ཚད་ཀྱི་བཀོད་པ་དང་འབྲེལ་མཐུད་ཡོད་པ་ལས། གཞན་སེམས་ངལ་དང་། སྣུམ་འཁོར་གཏོང་བ། རང་འགུལ་ལྟ་བུ་ལ་མེད་པར་བསྟན་གྱི་ཡོད།
ལུས་རྩལ་གྱིས་ཀྱང་ཀླད་པའི་བྱེད་ལས་ལ་ཤུགས་རྐྱེན་བྱེད་ཐུབ།ལུས་རྩལ་གྱིས་ཀྱང་ཀླད་པའི་བྱེད་ལས་ལ་ཤུགས་རྐྱེན་བྱེད་ཐུབ།
(མིའི་ནང་)ཀླད་པའི་ལས་ཆོད་ལ་ལུས་ཀྱི་བདེ་འཕྲོད་དང་ལུས་རྩལ་གྱི་གལ་གནད།(མིའི་ནང་)ཀླད་པའི་ལས་ཆོད་ལ་ལུས་ཀྱི་བདེ་འཕྲོད་དང་ལུས་རྩལ་གྱི་གལ་གནད། ལུས་སྦྱོང་གིས་མི་ཚེ་གང་པོར་ལུས་དང་སེམས་ཀྱི་བདེ་ཐང་ཡར་རྒྱས་གཏོང་བར་བྱེད་པའི་མི་ཚེ་སྐྱེལ་སྟངས་དང་འབྲེལ་བའི་རྐྱེན་ཞིག་ཡིན་པར་ལྟ་བའི་ལྟ་ཚུལ་ལ་དབྱེ་ཞིབ་མང་པོས་བདེན་ཁ་སྦྱིན་བཞིན་ཡོད། བདུན་རེ་ལ་ལན་གསུམ་ཉིན་རེ་ལ་སྐར་མ་ ༤༥ གོམ་པ་རྒྱག་པ་ལྟ་བུའི་དབུགས་སྦྱོང་ལུས་རྩལ་སྟབས་བདེ་ཞིག་གིས་ལོ་རྒན་པའི་ནང་བྱུང་བའི་དྲན་པ་དང་། འཛིན་སྐྱོང་སྟངས་འཛིན་བྱེད་ལས་ལྟ་བུ་བརྒྱ་ཆ་ ༢༠ ཡི་གོང་སྤེལ་གཏོང་ཐུབ་ཀྱི་ཡོད།
འགུལ་རྩལ་བྲལ་བའི་འཚོ་བ་སྐྱེལ་སྟངས་དང་ལྡན་པའི་མི་རྒན་པར་(ལོ་ ༥༥ ནས་ ༨༠ བར་)བྱུང་རྒྱལ་དུ་བྱས་པའི་དབྱེ་ཞིབ་ཅིག vs. དབུགས་སྦྱོང་ལུས་རྩལ་འབྲིང་ཙམ།སྙིང་གི་འཕར་ཚད་མཐོ་ཤོས་ཀྱི་བརྒྱ་ཆ་ ༥༠ ནས་ ༧༥ བར་གྱི་འཕར་ཚད་དང་བཅས་ཏེ་གོམ་པ་རྒྱག་པ། དབུགས་སྦྱོང་མིན་པའི་ལུས་རྩལ།རྐྱོང་རྩལ། ཤ་གནད་རྐྱོང་ཤེད་ལུས་རྩལ། ལྗིད་སྙོམ་ལུས་རྩལ། ཡོ་ག
ལུས་རྩལ་གྱིས་མཚོ་རྟ་མའི་ཆེ་ཚད་གོང་སྤེལ་གཏོང་།ལུས་རྩལ་གྱིས་མཚོ་རྟ་མའི་ཆེ་ཚད་གོང་སྤེལ་གཏོང་། དབུགས་སྦྱོང་ལུས་རྩལ་བྱེད་མཁན་རུ་ཚོགས།མཚོ་རྟ་མའི་བོངས་ཚད་འཕེལ། མཚོ་རྟ་མ་གཡོན། མཚོ་རྟ་མ་གཡས། མཚོ་རྟ་མ། བོངས་ཚད། །mm3 རྐྱོང་རྩལ་བྱེད་མཁན་རུ་ཚོགས། མཚོ་རྟ་མའི་བོངས་ཚད་བྲི། རྒྱུན་ལྡན་རྒས་པའི་ངང་ཚུལ་དང་མཐུན། རྨང་ཐིག ཟླ་ ༦ རྨང་ཐིག ཟླ་ ༦ ལོ་ ༣ ལོ་ ༣ མཇུག་དབྱིབས་ཤུན་རིལ། མཇུག་དབྱིབས་ཤུན་རིལ་གཡོན། མཇུག་དབྱིབས་ཤུན་རིལ་གཡས། བོངས་ཚད། །mm3 རྨང་ཐིག ཟླ་ ༦ རྨང་ཐིག ཟླ་ ༦ ལོ་ ༣ ལོ་ ༣ ཀླད་སྦུག ཀླད་སྦུག ལུས་རྩལ། རྐྱོང་རྩལ། བོངས་ཚད། །mm3 ཀླད་པའི་ཆ་ཁུལ་གཞན་ལ་བོངས་ཚད་ཀྱི་འགྱུར་བ་མེད། རྨང་ཐིག ཟླ་ ༦ ལོ་ ༣
མཚོ་རྟ་མའི་བོངས་ཚད་ཆེ་རུ་འགྲོ་བ་དེ་དང་བདེ་འཕྲོད། དབང་རྩ་སོར་ཆུད་ནུས་པ། དྲན་པ་བཅས་བཟང་བ་འགྲོ་བ་གཉིས་བར་མཐུད་ཁ་ཞིག་ཡོད། % change in VO2 max མཚོ་རྟ་མའི་བོངས་ཚད་ཀྱི་འཕེལ་རྒྱས་དང་དབུགས་སྦྱོང་གི་བདེ་འཕྲོད་ཆེ་བ་གཉིས་བར་མཐུད་ཁ་ཞིག་ཡོད། % change in BNDF མཚོ་རྟ་མའི་བོངས་ཚད་འཕེལ་རྒྱས་དང་ཀླད་བྱུང་དབང་རྩའི་འཚར་རྐྱེན་གྱི་སྐྱེད་སྐྲུན་མཐོ་བ་གཉིས་བར་མཐུད་ཁ་ཞིག་ཡོད། འཚར་རྐྱེན་དེ་ནི་དབང་རྩ་སོར་ཆུད་རང་བཞིན་ལ་ཐེ་གཏོགས་ཡོད་པའི་སྤྲི་རྫས་ཤིག་རེད། % change in memory performance མཚོ་རྟ་མའི་བོངས་ཚད་འཕེལ་རྒྱས་དང་དྲན་པའི་ལས་ཆོད་ལ་བྱུང་བའི་འཕེལ་རྒྱས་གཉིས་བར་མཐུད་ཁ་ཞིག་ཡོད། % change in right hippocampus volume
ལུས་རྩལ་དང་དབང་རྩ་སོར་ཆུད་ནུས་པ། མཐའ་སྡོམ། བདེ་འཕྲོད་ལུས་སྦྱོང་གིས་ངེས་རྟོག་ནུས་རྩལ་མང་དག་ཅིག་གི་གཞི་མར་གྱུར་པའི་འདུས་རྡུལ་དང་ཕྲ་ཕུང་གི་གྲུབ་ཆ་ཁག་ལ་འགྱུར་བ་གཏོང་གི་ཡོད། དར་མའི་མཚོ་རྟ་མའི་ནང་དབང་རྩ་གསར་གྲུབ་བྱུང་བ། དབང་རྩ་སོར་ཆུད་དང་འབྲེལ་བའི་BDNF དང་སྤྲི་དཀར་གཞན་གྱི་སྐྱེད་སྐྲུན་འཕེལ་བ།
དོན་བསྡུ། • གནད་ཅིག་ལ་མཁས་དབང་དུ་གྱུར་བར་སྦྱོང་བརྡར་ཧ་ཅང་མང་པོ་མཁོ་བ་ཡིན། • དབང་རྩ་སོར་ཆུད་རང་བཞིན་ནི་ཀླད་པས་རང་གི་ཆ་ལག་བསྒྱུར་བའི་ནུས་པ་དེ་ཡིན། • དབང་རྩ་སོར་ཆུད་རང་བཞིན་དེ་ཡང་རྨས་སྐྱོན་ལ་དམིགས་པའི་ཡ་ལན་བརྒྱུད་ཐོག་མར་རྙེད་སོན་བྱུང་། • ད་ལྟའི་ཆར་ང་ཚོས་དབང་རྩ་སོར་ཆུད་ཀྱི་འགྱུར་བ་རྣམས་སྐྱེ་ལྡན་དངོས་པོ་དེས་རྩལ་གསར་པ་(རོལ་དབྱངས་གཏོང་བ། རོལ་རྩེད་རྩེད་པ། ཆེ་སི་རྩེད་པ། ལོན་ཌོན་དུ་འགྲུལ་སྐྱེལ་ཁ་ལོ་གཏོང་བ་)སྦྱངས་པའམ། ཡང་ན་གནས་ཚུལ་གསར་པ་(ལོན་ཌོན་གྱི་ས་ཁྲ་དང་། སྨན་གྱི་ཤེས་རྒྱ་)སྦྱངས་པ་ན་མུ་མཐུད་དེ་འབྱུང་བ་ཤེས་ཀྱི་ཡོད། • ཐ་ན་ལུས་རྩལ་གྱིས་ཀྱང་དབང་རྩ་སོར་ཆུད་ཀྱི་རང་བཞིན་གོང་སྤེལ་གཏོང་བ་དང་། རྒ་བ་དང་། ཡིད་མུག་ལྟ་བུའི་སེམས་ནད་ཀྱི་འབྲས་བུ་གནོད་ཚབས་ཅན་རྣམས་བཟློག་ཐུབ་པ་ཡིན།